Khasadrapchu Middle Secondary School

རྫོང་ཁའི་གྲ་སྒྲིག་མེད་པའི་གསལ་བཤད་ཀྱི་ སྙན་ཞུ།

སྤྱི་ཚེས ༢༩/༥/༢༠༢༦ ལུ་ མཁར་ས་གྲབ་ཆུ་འབྲིང་རིམ་སློབ་གྲྭ་བར་མའི་ ཕྱོགས་སྡེའི་བརྒྱད་ཀྱི་བར་ན གྲ་སྒྲིག་མེད་པའི་གསལ་བཤད་ཐོག་ལས་ འགྲན་སྡུར་འབད་ཡོདཔ་ཨིན། དེ་སྦེ་འགོ་འདྲེན་འཐབ་དགོ་པའི་ དམིགས་ཡུལ་གཙོ་བོ་ར་ བློ་སྤོབས་འཐོབ་ཐབས་དང་ ལྷག་པར་དུ་ རྫོང་ཁའི་སྐད་ཡིག་ཐོག་ལས་ ཉན་སླབ་ཀྱི་རིག་རྩལ་ཡར་རྒྱས་གཏང་ཐབས་ལུ་ཨིན། སློབ་རིམ་སོ་སོའི་ཤེས་ཚད་དང་ བསྟུན་པའི་དོན་ཚན་ལུ་གཞི་བཞག་སྟེ་ འགོ་འདྲེན་འཐབ་ཡོདཔ་ཨིན། སློབ་ཕྲུག་ཚུ་གིས་ཡང་ སྤྲོ་བ་བསྐྱེད་ཐོག་ལས་ བཅའ་མར་ཧུ་རིལ་རི་འབད་གཏོགས་ཡོདཔ་ཨིན། ལས་རིམ་འདི་འགོ་འདྲེན་འཐབ་པའི་སྐབས་ལུ་ དཀའ་ངལ་དང་གདོང་ལེན་ཚུ་ག་ཅི་ར་འབྱུང་ཡོདཔ་སྨོ་ཟེར་བ་ཅིན་ སློབ་ཕྲུག་ཚུ་ལུ་ ཀི་དེབ་མང་སུ་འབད་ལྷབ་བཅུག་དགོཔ་བཟུམ་ཚོར་ཡི། དོན་ཚན་དང་འཁྲིལ་ཏེ་ ལ་ལུ་ཅིག་གིས་ སེམས་ཁར་འབབ་ཏོག་ཏོ་སྦེ་ གསལ་བཤད་གཏང་མ་ཚུགས་ནི་འདི་གིས་ ཨིན། ཡོན་ཏན་ག་ཅི་ར་ཐོབ་ཅིག་གོ་ཟེར་བ་ཅིན་ ལོག་ཤུལ་ལས་ ལས་རིམ་དེ་བཟུམ་ འགོ་འདྲེན་འཐབ་པའི་ སྐབས་ལུ་ དོན་ཚན་ག་ཅི་ཐོག་ལུ་འབད་ནི་ཨིན་ན་ དོན་ཚན་ཚུ་སྔོན་བཏོན་འབད་ནི་ཨིན།